མཁར་ནང་གི་སྐད་སྒྲའི་གསལ་བསྒྲགས།

ད་ལྟའི་བོད་ཀྱི་གནས་སྟངས་སྤྱི་ལ་སེམས་ཚོར་དང་བོད་དོན་ལ་ལྷག་བསམ་དཀར་ཞིང་། དྲ་བརྙན་ལས་རིགས་ལ་དགའ་ཞེན་ཟབ་པའི་ཡུ་རོབ་གནས་སྡོད་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་པ་ལགས། ༼མཁར་ནང་གི་སྐད་སྒྲ༽ཞེས་བའི་དྲ་བརྙན་ཟིན་བྲིས་འདིར་ཡུ་རོབ་ཁུལ་གྱི་ས་གནས་དྲ་བརྙན་གསར་འགྱུར་མཁོ་གཏོང་། གནད་ཡོད་མི་སྣ་དང་། ས་གནས་མི་མང་རྣམས་ལ་བཅར་འདྲི་བཅས་ཀྱི་དྲ་བརྙན་གང་མང་ཆེད་གཏོང་གནང་བར་དང་བླངས་ཞབས་ཞུ་གནང་མཁན་ཡོད་ན་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་རོགས།

ལས་འགན།

༡༽ ས་གནས་ས་ཐོག་གི་བོད་དོན་ལས་འགུལ་གང་སྤེལ་བརྙན་ལེན་དང་སྒྲ་འཇུག་ཞུ་རྒྱུ།

༢ ༽ས་གནས་ས་ཐོག་གི་གནད་ཡོད་མི་སྣ་དང་། ས་གནས་མི་མང་རྣམས་ཀྱི་སེམས་ཚོར་བཅར་འདྲི་ཞུ་རྒྱུ།

༣༽ རབ་བྱུང་ན་དྲ་བརྙན་རྩོམ་སྒྲིག་གནང་སྟེ་ཆེད་གཏོང་གནང་ཐུབ་ན་ལེགས་ཀྱང་། མ་ཐུབ་ན་བརྙན་པར་ཆེད་གཏོང་གནང་བས་ཀྱང་འཐུས།

 ཆ་རྐྱེན།

༡ ༽ ལས་དོན་འདི་ལ་ཕོག་དངུལ་སོགས་གང་ཡང་མེད་སྟབས། དང་བླངས་ཐོག་ལས་རིགས་འདིར་ཞབས་ཞུ་གནང་ཐུབ་མཁན་ཞིག་དང་། ལས་རིགས་འདིར་དགའ་མོས་ཡོད་མཁན་ཞིག་ཡིན་དགོས།

༢ ༽ མཁར་ནང་གི་སྐད་སྒྲའི་དམིགས་ཡུལ་ལངས་ཕྱོགས་ལ་མོས་མཐུན་གནང་མཁན་ཞིག་ཡིན་དགོས།

 འབྲེལ་གཏུགས་ཁ་བྱང་།

ཁ་པར། 0041-764551567

ཡིག་ཟམ། kharphak@gmail.com

དྲ་གནས། www.voktibetan.com