སྦེལ་ཇམ་བོད་རིགས་ཚོགས་པ་ལོ་ཤས་རྗེས་སླར་གསོ་བྱུང་བ།

VOK Tibetan News | ༢༠༢༦ ཟླ་༡༠ ཚེས་༡༩

ལོ་ཤས་རིང་ཚོགས་པའི་ལས་དོན་རྒྱུན་ལྡན་དུ་སྤེལ་མ་ཐུབ་པའི་རྗེས། ཡུ་རོབ་སྦེལ་ཇམ་བོད་རིགས་ཚོགས་པ་སླར་གསོ་བྱུང་སྟེ། རྒྱུན་ལས་གསར་པ་འདེམས་བསྐོ་བྱས་ཡོད།

ཕྱི་ཟླ་༩ ཚེས་༡༣ ཉིན་དྲ་ལམ་དུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱུན་ལས་འདེམས་བསྐོའི་འོས་མི་༢༢ ཀྱི་ཁྲོད་ནས་མི་༡༡ རྒྱུན་ལས་གསར་པར་འདེམས་ཐོན་བྱུང་འདུག དེའི་རྗེས་ཕྱི་ཟླ་༡༠ ཚེས་༡༨ ཉིན། རྒྱུན་ལས་གསར་པའི་ཁྲོད་ནས་ཚོགས་གཙོ་དང་ཚོགས་གཞོན་གསར་པ་བསྐོ་འདེམས་བྱས་ཤིང་། རྒྱུན་ལས་གསར་རྙིང་གཉིས་བར་ལས་འགན་དང་རྩིས་ཁྲ་རྩིས་སྤྲོད་རྩིས་ལེན་བྱས་པར་གསལ།

ཕྱི་ཟླ་༡༠ ཚེས་༡༨ ཉིན་གྱི་རྒྱུན་ལས་མིང་ཐོ་ལྟར། ཚོགས་པའི་རྒྱུན་ལས་གསར་པའི་མིང་དང་འགན་འཁུར་གཤམ་གསལ།

  • ཚོགས་གཙོ། ལྷ་མོ་དོན་འགྲུབ།
  • ཚོགས་གཞོན། གཉན་ཤར་ཚེ་རིང་དོན་འགྲུབ།
  • དྲུང་ཆེ། བློ་བཟང་མཐའ་ཡས།
  • དྲུང་གཞོན། བསྟན་འཛིན་ཡར་འཕེལ།
  • རྩིས་པ། བ་རོང་མགོན་པོ།
  • རིག་གཞུང་འགན་འཛིན། བསྟན་འཛིན་རབ་བསྟན།
  • རིག་གཞུང་འགན་འཛིན་གཞོན་པ། བློ་བཟང་བསྟན་འཛིན།
  • དཔལ་འབྱོར་འགན་འཛིན། ངག་དབང་བཟོད་པ།
  • དངུལ་གཉེར། ངག་དབང་རྣམ་རྒྱལ།
  • གཉེར་པ་རྒན་པ། དབྱངས་ཅན་དབང་མོ།
  • གཉེར་པ་གཞོན་པ། བདེ་སྐྱིད་སྒྲོལ་མ།

ཕྱི་རྒྱལ་དུ་གནས་སྡོད་བོད་རིགས་ཚོགས་པ་ཁག་གིས་བོད་མིའི་མཐུན་སྒྲིལ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་སྲུང་། མི་རབས་གསར་པར་བོད་ཀྱི་ངོ་བོ་ངོ་སྤྲོད་བྱེད་པ་བཅས་ཀྱི་ཐད་གལ་ཆེའི་ནུས་པ་འདོན་བཞིན་ཡོད། སྦེལ་ཇམ་བོད་རིགས་ཚོགས་པ་སླར་གསོ་བྱུང་བ་དང་། རྒྱུན་ལས་གསར་པ་བསྐོ་འདེམས་བྱས་པ་འདིས། མ་འོངས་པར་ཚོགས་པའི་ལས་དོན་སྔར་ལས་ལེགས་པར་སྤེལ་ཐུབ་པའི་རེ་བ་གསར་པ་བསྐྲུན་ཡོད།

ཁུངས། ཕྱི་ཟླ་༩ ཚེས་༡༣ ཉིན་གྱི་ངོ་དེབ་སྤེལ་བ། དང་། ཕྱི་ཟླ་༡༠ ཚེས་༡༨ ཉིན་གྱི་རྒྱུན་ལས་མིང་ཐོ།