༸ རྒྱལ་དབང་ཀརྨ་པ་མཆོག་སི་ཀིམ་དུ་ཕེབས་ཐུབ་མིན་ཐད་རེ་བ་གསར་པ་བྱུང་བ།

འབྲུག་ཡུལ་དུ་ཕེབས་འཆར་ཡོད་པ་དང་བསྟུན། སི་ཀིམ་གྱི་དད་ལྡན་མི་མང་གིས་ལོ་ངོ་༢༦ རིང་བཅངས་པའི་རེ་འདོད་སླར་ཡང་གླེང་གཞིར་གྱུར་པ། VOK Tibetan News | སི་ཀིམ། རྒྱ་གར། | ༢༠༢༦/༡༠/༡༣

དེ་ལས་མང་བ་

Forum 2000 རྒྱལ་སྤྱིའི་ཚོགས་ཆེན་ནང་སྲིད་སྐྱོང་མཆོག་མཉམ་ཞུགས་གནང་སྟེ་བོད་དོན་གླེང་བ།

ཚོགས་ཆེན་ནང་རྒྱལ་ཁབ་༡༠༠ ཙམ་ནས་སྐུ་ཚབ་༨༠༠ ཙམ་ཞུགས་པ་དང་། བོད་ཀྱི་གནས་བབ། རྒྱལ་མཚམས་བརྒལ་བའི་གནོན་ཤུགས། བཙན་བྱོལ་གཞུང་གི་མང་གཙོའི་ཉམས་མྱོང་བཅས་གླེང་བ།VOK Tibetan News | ༢༠༢༦ ཟླ་༡༠ ཚེས་༡༣བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་༢༠༢༦ ཟླ་༡༠ ཚེས་༡༡ ཉིན་ཅེག་རྒྱལ་ཁབ་ཀྱི་རྒྱལ་ས་ Prague རུ་འབྱོར་ཏེ། ཐེངས་༣༠ པའི་ Forum 2000 རྒྱལ་སྤྱིའི་ཚོགས་ཆེན་ལ་མཉམ་ཞུགས་གནང་ཡོད།

དེ་ལས་མང་བ་

རྫུ་འཕྲུལ་མེད་པའི་རྐྱེན་གྱིས་བོད་ཀྱི་སྲིད་སྐྱོང་ལ་རྒྱ་ནག་གཞུང་གིས་ཡ་ལན་མ་སྤྲད་པ།

ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡༡ ཉིན། VOK Tibetan News ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་སུད་སིའི་ Zürich གྲོང་ཁྱེར་དུ་བོད་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མང་ཚོགས་ལ་གསུང་བཤད་གནང་སྐབས། བོད་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དང་གྲོས་མོལ་གྱི་གནས་སྟངས་ཐད་གལ་ཆེའི་གླེང་མོལ་བྱུང་ཡོད།

དེ་ལས་མང་བ་

གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲི།

གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༢༠༢༦ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ Navi Pillay ལགས་སུ་འཚམས་འདྲིའི་ཕྱག་བྲིས་བསྩལ་བ།VOK Tibetan News | ༢༠༢༦ ཟླ་༡༠ ཚེས་༡༠ ཉིན།

དེ་ལས་མང་བ་

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སིར་ཕེབས་འབྱོར།

༄༅། །ཕྱི་ལོ་༢༠༢༦ ཟླ་༡༠ ཚེས་༨ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སིའི་ཛུ་རིག་གནམ་ཐང་དུ་ཕེབས་འབྱོར་གནང་ནས། སུད་སི་དང་། ཅེག་སྤྱི་མཐུན་རྒྱལ་ཁབ། ཇར་མ་ནི་བཅས་རྒྱལ་ཁབ་གསུམ་གྱི་གཞུང་འབྲེལ་ཕྱོགས་ཕེབས་འགོ་ཚུགས་གནང་ཡོད།

དེ་ལས་མང་བ་

བོད་རིགས་གཞོན་སྐྱེས་གསུམ་གྱི་ཞི་བའི་གོམ་བགྲོད།

ཧེ་གྷེ། ནེ་དེར་ལན་ཌི། – བོད་རིགས་གཞོན་སྐྱེས་ལས་འགུལ་བ་གསུམ་གྱིས་ནེ་ཐར་ལེན་ཌི་ནང་རྟེན་གཞིན་བྱས་པའི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ (ICC) གི་མདུན་ནས་འགོ་བཙུགས་ཏེ། བྷེལ་ཇམ་ནང་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ (European Parliament) བར་སྤྱི་ལེ་ ༡༨༠ ཙམ་གྱི་གོམ་བགྲོད་ཅིག་འགོ་བཙུགས་འདུག ལས་འགུལ་འདི་ནི། རྒྱལ་སྤྱིའི་ནང་བོད་ཀྱི་གནས་སྟངས་ལ་དོ་སྣང་ཇེ་ཆེར་གཏོང་ཆེད་དང་། བོད་རང་བཙན་གྱི་དགོས་འདུན་འདོན་ཆེད་དུ་ཡིན་པ་རེད།

དེ་ལས་མང་བ་

རང་བཙན་འཐབ་རྩོད་མུ་མཐུད་རྒྱུའི་བསྒྲགས་གཏམ་སྤེལ།

VOK Tibetan | ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༧། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༦ འཁོར་བའི་ཉིན་མོ་དང་བསྟུན། ཚོགས་པ་དེས་བོད་རང་དབང་རང་བཙན་མ་ཐོབ་བར་དུ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པ་བསྒྲགས་འདུག དེ་དང་མཉམ་དུ་གཞིས་བྱེས་བོད་མིའི་མཐུན་སྒྲིལ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐད་མཉམ་རུབ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

དེ་ལས་མང་བ་

བོད་དོན་ལས་འགུལ་བ་གཉིས་ཀྱིས་ཇི་ནི་ཝ་ནས་ཛུ་རིག་བར་ཞི་བའི་གོམ་བགྲོད་འགོ་འཛུགས།

བོད་དོན་ལས་འགུལ་བ་གཉིས་ཀྱིས་ཇི་ནི་ཝ་ནས་ཛུ་རིག་བར་ཞི་བའི་གོམ་བགྲོད་འགོ་འཛུགས། བོད་མིའི་རང་དབང་དོན་གཉེར་བ་གཉིས་ཀྱིས་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ནས་སུད་སིའི་གྲོང་ཁྱེར་ཛུ་རིག་ (Zurich) བར་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་འགོ་འཛུགས་གནང་ཡོད་པ་དང་། ཚེ་བརྟན་དཔལ་བར་ (Kanté) གྱིས་གོ་སྒྲིག་བྱས་པའི་གོམ་བགྲོད་དེ་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༣ ནས་ ༡༦ བར་སྤྱི་ལེ་ ༢༥༠ ཙམ་བསྐྱོད་རྒྱུའི་འཆར་གཞི་ཡོད།

དེ་ལས་མང་བ་